slider-photo-1.jpg
slider-photo-2.jpg
slider-photo-3.jpg
slider-photo-4.jpg
slider-photo-5.jpg
slider-photo-6.jpg
slider-photo-7.jpg
slider-photo-8.jpg
slider-photo-9.jpg
slider-photo-10.jpg
slider-photo-11.jpg
slider-photo-12.jpg
slider-photo-13.jpg
slider-photo-14.jpg
slider-photo-15.jpg
Shadow
Commemorating the Anniversaries of Milarepa and Marpa on Chӧtrul Duchen

Commemorating the Anniversaries of Milarepa and Marpa on Chӧtrul Duchen

Tergar Monastery Shrine Hall Veranda,
24 February 2024

༄༅། ། བོད་རབ་རྒྱན་ཤིང་འབྲུག་བོད་ཟླ་ ༡ ཚེས་ ༡༤ཉིན། གངས་ཅན་གྲུབ་པའི་གཙུག་རྒྱན་རྣལ་འབྱོར་ཡོངས་ཀྱི་དབང་ཕྱུག་ཆེན་པོ་རྗེ་བཙུན་མི་ལ་རས་པ་མཆོག་ལོངས་སྤྱོད་རྫོགས་སྐུར་བཞེངས་པའི་ཉིན་མོ་དང་། ཚེས་ ༡༥ ཉིན་སྐྱེས་མཆོག་སྒྲ་བསྒྱུར་གྱི་རྒྱལ་པོ་མངའ་བདག་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་མཆོག་ལོངས་སྤྱོད་རྫོགས་སྐུར་བཞེངས་པའི་ཉིན་མོ་སྟེ། འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན། གཏེར་སྒར་རིག་འཛིན་མཁའ་སྤྱོད་དར་རྒྱས་གླིང་གཙུག་ལག་ཁང་གི་མདུན་དུ། འཕགས་མ་བདེ་བྱེད་མའི་དཔྱིད་ཆོས་ཐེངས་བརྒྱད་པའི་འདུས་མང་ནས་མངའ་བདག་མར་པ་ལོ་ཙཱ་བ་དང་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པའི་སྐུ་
བརྙན་དྲུང་དུ་མཆོད་པ་དང་མར་མེ་ཚར་དུ་དངར་བ་འབུལ་བཤམས་དང་འབྲེལ། ཕྱི་དྲོ་ཕྱག་ཚོད་བདུན་པའི་ཐོག་ཏུ།
དུས་གསུམ་རྒྱལ་ཀུན་ཕྲིན་ལས་ཀྱི་རང་གཟུགས། དཔལ་༧རྒྱལ་བའི་དབང་པོ་༧ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཆེན་པོ་མཆོག་གི་ཞལ་སྔ་ནས་ཀྱིས་དྲྭ་བརྙན་ཐད་གཏོང་དུ་དབུ་བཞུགས་མཛད་དེ། འཕགས་པ་བདེ་བྱེད་མའི་དཔྱིད་ཆོས་ཐེངས་བརྒྱད་པའི་འདུས་ཚོགས་ཀྱི་དབུ་བཞུགས་སྐྱབས་རྗེ་སྒྲུབ་དཔོན་བདེ་ཆེན་རིན་པོ་ཆེ་མཆོག་གཙོ་བོར་གྱུར་པའི་བཙུན་དགོན་བཤད་གྲྭ་ཁག་གི་མཁན་པོ་སློབ་དཔོན་རྣམ་པ་དང་བཙུན་མའི་འདུས་དམངས་དང་། གཉུག་མར་གནས་པའི་གཏེར་སྒར་འདུས་པ་དང་། བདེ་བྱེད་མའི་གོ་སྒྲིག་པ་མཚུར་ཕུ་བླ་བྲང་གི་ལས་སྣེ་རྣམ་པ་དང་། གཞན་ཡང་བཀའ་བརྒྱུད་སྨོན་ལམ་གྱི་ལས་སྣེ་དང་། གློ་བུར་ལྷགས་པའི་དད་འདུས་བརྒྱ་ཕྲག་དུ་མ་ནས་མི་ལའི་བླ་སྒྲུབ་ཀྱི་འདས་མཆོད་ཀྱི་ཚོགས་འཁོར་་གཟབ་རྒྱས་བསྐོར་ཏོ། །


23rd February 2024 was the anniversary of Jetsun Milarepa’s parinirvana and the following day –24th February–was the anniversary of Marpa his teacher’s parinirvana.

To commemorate these two occasions, the 17th Gyalwang Karmapa composed two new praises, the first for Jetsun Milarepa which he released on 23rd February, and the second for Marpa Lotsawa, which was released on 24th February. Then, in the evening of  24th February, the nuns, their khenpos and teachers at the Arya Kshema Spring Gathering in Bodhgaya joined together  with  staff from Tsurphu Labrang, the sponsors of the Arya Kshema, staff from Kagyu Monlam, and monks from Tergar to offer the Milarepa Guru Yoga.  

The 24th of February was highly auspicious because it was Chӧtrul Duchen, the Festival of Miracles, which falls on the Full Moon day of the Month of Miracles, the first month in the Tibetan lunar calendar. Traditionally, the first fifteen days of the Tibetan year celebrate the fifteen days during which the Buddha displayed miracles for his disciples to increase their devotion, and this celebration culminates on the fifteenth day. It is one of the four great festivals of Tibetan Buddhism.

Although the ritual used was a Milarepa Guru Yoga, thangkas of both Marpa and Milarepa were displayed above the shrine in order to focus the commemoration on both. The ritual was held outside to capture the full beauty and magical atmosphere of the occasion. Myriad strings of lights hanging from the walls of the monastery alongside hundreds of butter lamps placed on the steps of the shrine hall lit up the night.

On site, Drupon Dechen Rinpoche led the ritual, but the Gyalwang Karmapa presided over the internet, and the event was webcast worldwide.

2024.02.24 Commemorating the Anniversaries of Milarepa and Marpa on Chӧtrul Duchen