Tergar Shrine Hall
21 November, 2025
༄༅། །ས་གནས། རྡོ་རྗེ་གདན། གཏེར་སྒར་རིག་འཛིན་མཁའ་སྤྱོད་དར་རྒྱས་གླིང་། སྔ་དྲོ་ཕྱག་ཚོད་ ༨ཐོག་ཏུ་འཕགས་མ་ བདེ་བྱེད་མའི་བཙུན་མའི་དཔྱིད་ཆོས་ཐེངས་བཅུ་པའི་འདུས་དམངས་ཡོངས་ཀྱིས། དུས་གསུམ་རྒྱལ་བའི་ཕྲིན་ལས་པ་ཆེན་པོ། བདག་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། དཔལ་༧རྒྱལ་དབང་༧ཀརྨ་པ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གཏེར་སྒར་འདུ་ཁང་གི་བཞུགས་ཁྲིར་གདན་ཞུས་དང་འབྲེལ་བཙུན་མའི་བཤད་གྲྭ་
སོ་སོའི་སྐུ་ཚབ་ནས་༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ལ་མཎྜལ་སྐུ་གསུང་ཐུགས་རྟེན་དང་གསོལ་ཇ་བཞེས་འབྲས་འདེགས་འབུལ་ཞུས།
དེ་རྗེས་བཙུན་དགོན་བཤད་གྲྭའི་འདུས་དམངས་སོགས་ལའང་རྟེན་འབྲེལ་གསོལ་ཇ་བཞེས་འབྲས་དང༌། གསུང་བཟང་ནས་ཞལ་འདོན་དབུ་བསྐུལ་དང་འབྲེལ་བསྟན་པ་རྒྱས་པའི་སྨོན་ལམ་གསུང་འདོན་གྱིས་འཕགས་མ་བདེ་བྱེད་མའི་བཙུན་མའི་དཔྱིད་ཆོས་
ཐེངས་བཅུ་པ་དངོས་སུ་རྡོ་རྗེ་གདན་དུ་དབུ་འཛུགས་བསྐྱངས་སོ། །
After returning from the Mahabodhi Stupa, the nuns and their teachers gathered in the main shrine hall of Tergar Monastery for the opening ceremony of the 10th Arya Kshema Winter Gathering 2025.
It began at 8:00 am with a procession bearing a portrait of His Holiness the Gyalwang Karmapa. The portrait was placed on the Gyalwang Karmapa’s throne to symbolise his presence at the gathering. Representatives of the participating nunneries made a body-speech-mind mandala offering to His Holiness for his long life, and celebratory sweet rice and butter tea were served to all the nuns and their teachers.

















